[133]

Next

July 22, 2020

 

༈ ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ནས་གར་དབང་ཆོས་ཀྱི་དབང་ཕྱུག་གི་བར་ལོ་རྒྱུས་རྣམས་ཡོད། མ་དཔེ་འདི་ཉིད་ཁྲ་འགུ་བཛྲ་བིདྱ་བཤད་གྲྭའི་དཔེ་ཁྲིད་པ་ཚེ་རིང་མཆོག་ནས་རང་ཅག་རྣམས་ལ་ཐུན་མོང་དུ་ལོངས་སྤྱོད་པར་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ལྷག་མ་རྣམས་མ་དཔེ་རྙེད་ཚེ་སྤྱན་འབུལ་ཞུ་རྒྱུ་ཡིན།
སྐུ་པར་གྱི་ཐོག་ཏུ་བསྣན་ཚེ་སྐུ་པར་ཕབ་ལེན་བྱེད་ཐུབ།

ཨོཾ་སྭསྟི། །ཚེ་ལུས་གཅིག་གིས་རྡོ་རྗེ་འཆང་གི་ས། །བགྲོད་པར་ནུས་པའི་རྨད་བྱུང་ལམ་པོ་ཆེ། །གདུལ་བྱར་རྗེས་སུ་སྟོན་མཁས་འདྲེན་པ་མཆོག། བཀའ་བརྒྱུད་གསེར་རིའི་ཕྲེང་བར་གུས་པས་བཏུད། །

དེ་ལ་སྤྱིར་ངེས་དོན་གྱི་མདོ་རྒྱུད་བསྟན་བཅོས་ཟབ་མོ་རྣམས་ལ་ཐོས་བསམ་གནང་བའི་སྐབས་དང༌། ལྷག་པར་དམ་ཆོས་ཕྱག་རྒྱ་ཆེན་པོའམ། ཟབ་མོ་ནཱ་རོ་ཆོས་དྲུག་སོགས་ཉམས་བཞེས་སྐབས། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ནས་བཟུང་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ལ། ཐུན་མོང་མ་ཡིན་པའི་དད་པ་དང་ཡིད་ཆེས་མོས་གུས་ཁྱད་པར་ཅན་ཞིག་ཡོད་དགོས་པ་དང༌། དེ་ཡང་ཅལ་སྒྲོགས་རྗེས་འཇུག་གི་རྨོངས་དད་ཙམ་མ་ཡིན་པར། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང༌། བསྟན་འགྲོར་སྨན་པའི་ཕྲིན་ལས་རྣམས་ཇི་ལྟ་བ་བཞིན་དུ་ཤེས་ནས། ཡིད་ཆེས་བཟློག་ཏུ་མེད་པའི་དད་གུས་ཁྱད་པར་དུ་འཕགས་པ་ཞིག་བསྐྱེད་དགོས་ལ། དེ་བསྐྱེད་པའི་རྒྱུ་ནི་བཀའ་བརྒྱུད་གསེར་ཕྲེང་གི་རྣམ་ཐར་ཤེས་པ་ལ་རག་ལས་པའི་ཕྱིར། གསེར་ཕྲེང་གི་རྣམ་ཐར་མཇལ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང༌། དེ་ཡང་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་རྣམ་ཐར་མང་དུ་བཞུགས་པ་ལས། སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། བེ་ལོ་ཚེ་དབང་ཀུན་ཁྱབ་བླ་སློབ་ཀྱིས་མཛད་པའི་གསེར་ཕྲེང་གི་རྣམ་ཐར་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་འདི་ཁྱད་པར་དུ་འཕགས་པར་བཞུགས་མོད། འོན་ཀྱང་བཀའ་འབུམ་གྱི་ཁྲོད་དུ་པར་བསྐྲུན་གནང་བ་ཙམ་ལས་ཟུར་དུ་མེད་པར་བརྟེན། དཔེ་ཆ་བ་རྣམས་ནི་དཔལ་འབྱོར་གྱི་རྒྱབ་རྟེན་ལ་དེ་ཙམ་དོ་སྣང་མི་གནང་བ་ཁོ་ན་ཡིན་སྟབས་དེ་རྣམས་ཀྱིས་བཀའ་འབུམ་ཆ་ཚང་བླུ་ཡོན་ཞུ་བའམ། བཀའ་འབུམ་ལས་ཟུར་དུ་བཏོན་དགོས་ན་སྟབས་མ་བདེ་ཞིང༌། གྲྭ་རྐྱང་བྱ་བྲལ་བ་དེ་དག་ནི་མཁས་པ་དང་གྲུབ་ཐོབ་འབྱུང་བའི་ཆུ་མགོ་ལྟ་བུ་ཡིན་པའི་ཕྱིར། དེ་དག་ལ་ཞབས་ཞུས་འགྲུབ་པའི་རེ་བས་བཀའ་འབུམ་ལས་ཟུར་དུ་དེབ་གཟུགས་སུ་པར་བསྐྲུན་ཞུས་ལགས་པ་དང༌། ལྷག་པར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བསྟར་གནང་བའི་གསེར་ཕྲེང་གི་ཞལ་ཐང་ཀུན་གྱི་འདྲེན་བྱེད་དུ་གྱུར་པ་ཙམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་བཞུགས་པ་ཀར་ཤོད་ལྷ་བྲིས་པ་རྣམས་ཀྱིས་ག་ཤོག་གི་ལམ་ནས་དཔེ་བཤུས་བྱས་པ་ཞིག །སངས་རྒྱས་མཉན་པ་སྐུ་ཕྲེང་དགུ་པ་བོད་ནས་བྲོས་ཕེབས་སྐབས་སྐུ་ངལ་ལ་མ་འཛེམ་པར་གདན་འདྲེན་ཞུས་ནས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་ལ་ཕུལ་བ་དེ་ཉིད། ཕྱིས་སུ་རྒྱལ་བའི་དབང་པོ་རང་བྱུང་རིག་པའི་རྡོ་རྗེས་རྒྱ་བལ་སོགས་སུ་བསྟན་པའི་མེ་རོ་གསོ་བའི་ཕྲིན་ལས་བསྐྱང་བའི་སྐབས། སི་ཏུ་ཆོས་འབྱུང་ལས་ཕྱིས་སུ་བྱོན་པའི་གསེར་ཕྲེང་ན་རིམ་གྱི་ཞལ་ཐང་ཁ་བསྐང་བའི་ཚེ། ཟུར་མང་ལྷ་བྲིས་བཀྲ་རྒྱལ་ནས་བསྟན་པ་ལ་ཕན་པའི་ལྷག་བསམ་ཁོ་ནས་ཁ་བསྐང་གི་ཞལ་ཐང་ཆ་ཚང་བྲིས་ནས་ཕུལ་བ་བཅས་བཞུགས་ཡོད་ཀྱང༌། ཁ་ཤས་ཀྱིས་ལྷ་ངོ་ཇི་བཞིན་མི་མཁྱེན་པ་དང༌། ཡང་གཙོ་བོ་ཙམ་ངོས་ཟིན་ཀྱང༌། འཁོར་རྣམས་ཞལ་མི་འཚོ་བ་སོགས་ཡོད་པ་རྣམས་ལ་ཕན་པའི་ཆེད་དུ། རྣམ་ཐར་དང་ཞལ་ཐང་ལྷན་དུ་བཞུགས་པ་འདི་ཉིད་པར་བསྐྲུན་ཞུ་སྐབས། རྡོར་སློབ་བསྟན་དགའ་རིན་པོ་ཆེས་གསེར་ཕྲེང་ཞལ་ཐང་གཙོ་འཁོར་ཡོངས་རྫོགས་ཀྱི་མཚན་བྱང་གཅེས་ཉར་གནང་བ་གཡར་པོ་བཀའ་དྲིན་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། རང་སློབ་ནུབ་རིའི་གྲྭ་ལྷ་བྲིས་པ་ཀརྨ་དགྲ་འདུལ་གྱིས་ཨང་གི་དང་མཚན་བྱང་བྲིས་ཡུལ། རི་མོ་བྲིས་ཤིང༌། བཤད་གྲྭའི་དཔེ་ཁྲིད་པ་ཚེ་རིང་གིས་གང་སྤྱིར་གྲ་འགྲིགས་གནང་བ་དང༌། ཐེ་ཝན་དུ་བཞུགས་པའི་རང་དགོན་གྱི་བླ་མ་ཀརྨ་ཚེ་དབང་གིས་པར་བསྐྲུན་གྱི་སྦྱིན་བདག་གནང་བ་བཅས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་དེབ་འདི་པར་བསྐྲུན་ཞུས་ཐུབ་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་ལམ་རིག་མཛོད་དུ་བཅུག་སྐབས་ཉམས་མྱོང་དམན་པ་སོགས་ཀྱིས་ཞན་ཆ་བྱུང་བ་ཁག་མཁས་དབང་རྣམས་ལ་བཤགས་ཤིང༌། བཀའ་བསླབ་སོགས་ལྷུག་སྩོལ་བཀའ་དྲིན་ཞུ། ཁྲ་འགུ་སྤྲུལ་མིང་པས།

1-26

chos sku drug pa rdo rje 'chang chen po
1. Vajra Dhara
PDF
Tdoc
UDP
Uni
Sam
 
 
   
tE lo shes rab bzang po
2. Tilopa 989-1069 (80)
na' ro ja na siddhi
3. Naropa 1016-1100 (84)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
mar pa chos kyi blo gros
4. Marpa 1012-1097 (85)
mi la bzhad pa rdo rje
5. Milarepa 1040 - 1123 (83)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
dags po zla 'od gzhon nu
6. Gampopa 1079-1153 (74)
dpal due gsum mkhenpa
7. 1st Karmpa 1110-1193 (83)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
'gro mgon res pa chen po
8. Drogon Rechen 1148-1218 (70)
rgyal sras spom brags pa
9. Pomdrakpa 1170 - 1249 (79)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
grub chen karma pakshi
10. 2nd Karmapa 1204-1283 (79)
mkhas grub O rgyan pa
11. Orgyenpa 1230-1312 (82)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
sems dpa' rang byung rdo rje
12. 3rd Karmpa 1284-1339 (55)
rgyal wa gyung ston chen po
13. Gyalwa Yungtonpa 1296-1376 (80)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
'dzam gling chos kyi grags pa
14. 4rd Karmapa 1340 - 1383 (43)
rtogs ldhan mkha' spyod dbang po
15. 2nd Shamar 1350 - 1405 (55)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
chos rje de bzhin gshegs pa
16. 5th Karmapa 1384 - 1415 (31)
rje btsun ratna ba dra
17. Ratna Bhadra 15th century
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
sprul sku mthong wa dhon ldan
18 6th Karmpa 1416 - 1453 (37)
kun mkhyen 'jam dpal bzang po
19. Jampal Zangpo 1427-1489 (62)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
byang sems dpal 'byor don grub
20. 1st Gyaltsab 1427 - 1489 (62)
rgyal dbang chos grags rgya mtsho
21. 7th Karmapa 1454 - 1506 (52)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
grub chen bkra shis dpal 'byor
22. 1st Sangye Nyenpa 1457 - 1525 (68)
mtshungs med mi bskyod rdo rje
23. 8th Karmapa 1507 - 1554 (47)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
rgyal wa dkon mchog yan lag
24. 5th Shamar 1526 - 1583 (47)
rje btsun dbang phyug rdo rje
25. 9th Karmpa 1555-1603 (48)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
gar dbang chos kyi dbang phyug
26. 6th Shamar 1584 - 1629 (45)
rgyal mchog chos dbying rdo rje
27. 10th Karmpa 1604 - 1674 (70)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
དེབ་ཕྲེང་དང་པོ་རྫོགས།
འདི་མན་ཆད་དཔར་བསྐྲུན་ཞུ་ཚེ་ཕུལ་ཆོག་པར་ཞུ།
   
dpal ldan ye shes snying po
28. 7th Shamar 1631 - 1694 (63)
mtshungs med ye shes rdo rje
29. 11th Karmpa 1676 - 1702 (26)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
dpal chen chos kyi don grub
30. 8th Shamar 1695 - 1732 (37)
rgyal dbang byang chub rdo rje
31. 12th Karmpa 1703 - 1732 (29)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
si tu chos kyi 'byung gnas
32. 8th Situ 1699 - 1774 (75)
rje btsun bdud 'dul rdo rje
33. 13th Karmpa 1733 - 1797 (64)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
mi pham chos grub rgya mtsho
34. 10th Shamar 1742 - 1793 (51)
pad ma nyin 'byed dbang po
35. 9th Situ 1774 - 1853 (79)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
theg pa mchog gi rdo rje
36. 14th Karmapa 1798 - 1868 (70)
'jam mgon blo gros mtha' yas
37. 1st Jamgon 1813 - 1899 (86)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
kun bzang mkha' khyab rdo rje
38. 15th Karmapa 1871 - 1922 (51)
pad ma dbang mchog rgyal po
39. 11 Situ 1886 - 1953 (67)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
'jam mgon mkhyen brtse 'od zer
40. 2nd Jamgon 1904 - 1953 (49)
rang byung rig pa'i rdo rje
41. 16th Karmapa 1924-1981 (57)
PDF
Tdoc
UDP
Uni
Sam
PDF
Tdoc
UDP
Uni
Sam
   
   
©Karma Lekshey Ling Institute