༄༅། །རྣལ་འབྱོར་བཞི་གསུམ་བཅུ་གཉིས་གསལ་བར་བྱེད་པ་ཉི་མའི་འོད་ཟེར་ཞེས་བྱ་བ་

རྒྱལ་བ་རྒོད་ཚང་མགོན་པོ་རྡོ་རྗེས་མཛད་པ་བཞུགས་སོ། །

༄༅། །ཨོཾ་སྭ་སྟི། ཡོད་དང་མེད་པས་སྟོང་ལ་རྟག་དང་ཆད་པས་སྟོང་། སྣང་དང་སྟོང་པས་སྟོང་ལ་གཅིག་དང་དུ་མས་སྟོང་། ལྟ་དང་ལྟ་མིན་གྱིས་སྟོང་སྒོམ་དང་ཐ་མལ་སྟོང་། །བྱ་དང་མི་བྱེད་སྟོང་དང་འཁོར་གསུམ་ཀུན་ཏུ་སྟོང་། །སྣང་དང་སྣང་མེད་སྟོང་པ་ཡེ་ཤེས་རྒྱུན་གྱིས་སྟོང་། །རྟོག་དང་རྟོག་མེད་སྟོང་ལ་འཁོར་དང་འདས་པས་སྟོང་། །སྟོང་དང་རྟེན་འབྱུང་དབྱེར་མེད་དགེ་སྡིག་འབྲས་བུ་འབྱིན། །ཐམས་ཅད་སྟོང་པ་ཡིན་ཕྱིར་འཁྲུལ་སྣང་ལྡོག་ཏུ་བཏུབ། །མ་བྱས་ཡུལ་མེད་སྟོང་དང་རང་སྟོང་ལྷན་ཅིག་སྐྱེས། །གདོད་ནས་ཡོད་པར་སྟོང་པ་བླ་མའི་དྲིན་གྱིས་ཤེས། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་དངོས་པོའི་གཤིས། །མེད་པའི་སྟོང་པ་འདྲ་མིན་ནོར་ས་ཡོད། །ཅེས་པ་སྟོང་ཉིད་རྡོ་རྗེའི་ཚིག་དྲུག་མ་ཞེས་བྱ་བ་དོན་དམ་རྣལ་དུ་མཚོན་པའི་
©Karma Lekshey Ling Institute