༄༅། །རྡོ་རྗེ་འཆང་གི་གསང་ཚིག་ཕྱག་རྒྱ་ཆེན་པོའི་མན་ངག་དཔལ་ལྡན་བླ་མ་དམ་པ་ཀརྨ་ཡན་ལག་འབྱུང་གི་ཞལ་གདམས་སྙན་བརྒྱུད་བདུད་རྩིའི་བུམ་བཟང་བཞུགས་པའི་དབུ་ཡི་གཟིགས་ཕྱོགས་ལགས་སོ། །

༄༅། །ན་མོ་གུ་རུ། དཀར་བརྒྱུད་འབྲུག་པ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ངག་གི་བརྗོད་པ་རྒྱ་མཚོའི་བསྟོད་འོས་པའི། །དབང་ཕྱུག་ཆེ་ཞིང་རྒྱ་མཚོའི་རྡུལ་དེ་ལ། །ཆོས་རྒྱལ་སྲས་བཅས་རྒྱ་མཚོའི་རྡུལ་སྙེད་པ། །སྟོན་པའི་ངོ་མཚར་རྒྱ་མཚོའི་བདག་པོ་དང་། །ཨ་ཝ་དྷུ་ཏི་སྦྱངས་པ་བཙུན་མོ་ཅན། །རོ་རྐྱང་མཉམ་པ་ཙནྜ་ལི་ཞུགས་པས། །འཕོ་མེད་སེམས་ཀྱི་རྣལ་འབྱོར་རྫོགས་བྱས་མཐར། །དམ་པ་རིགས་བརྒྱའི་སྒྱུ་མའི་གར་མཁན་པོ།། ༈ མཉམ་མེད་བཀའ་བརྒྱུད་འབྲུག་པའི་རྗེ་བཙུན་གྱི། །ཚིག་དང་ཉམས་ཙམ་ཕྱི་བརྒྱུད་མ་ཡིན་པའི། །རྟོགས་པ་དོན་བརྒྱུད་ངོ་མཚར་རྨད་དུ་བྱུང་། །མི་ཕྱེད་དད་པ་འགྱུར་མེད་བརྟེན་པར་བྱ། །རིང་ལམ་དྲང་དོན་ཐེག་པ་དམན་ལས་འཕགས། །ཐེག་ཆེན་གསང་སྔགས་ཟབ་དོན་སྙིང་ཁུའི་མཆོག །གནས་ལུགས་རང་བཞིན་ཕྱག་རྒྱ་ཆེན་པོའི་ཆོས། །བསྐལ་སྟོང་རྙེད་དཀའ་དེང་འདིར་སྤྲོ་བས་འཇུག །བླ་མས་སྨྲས་པ་གང་གི་སྙིང་ཞུགས་ན། ཤེས་བྱ་ཐམས་ཅད་ལག་མཐིལ་གཏེར་ལྟ་བུ། གཞལ་ནུས་ཡེ་ཤེས་མིག་པོ་ཆེ་འཆར་བ། བསླུ་བ་མེད་པས་བཤད་འདིའི་སྐབས་ཕྱེའོ། འདིར་བཤད་པར་བྱ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི། ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྐོར་བ་ཐམས་ཅད་ཀྱི་ཡང་སྙིང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་མན་ངག་གི་དོན་སེམས་ཀྱི་རྡོ་རྗེ་མངོན་པར་སྦྱངས་བའི་རྫོགས་པའི་རིམ་པ། སྐལ་པ་ཅན་ཚེ་གཅིག་ལ་ཡན་ལག་བདུན་ལྡན་གྱི་གོ་སར་བསྐོ་བའི་ལུང་། རིགས་ངན་པ་རྣམས་ཀྱིས་བཟོད་པར་དཀའ་བའི་ཟིལ་མི་བཟོད་པ། རྟོག་གེ་པ་རྣམས་ཀྱི་སྙིང་ཤུག་ནས་འདོན་པའི་དྲེད་སྡིག་ཆེན་པོ། དཔལ་དྭགས་པོ་བཀའ་བརྒྱུད་པ་རྣམས་ཀྱི་སེངྒེའི་སྒྲ་འདི་བཤད་པ་ལ་གཉིས་ལས། རྗོད་བྱེད་ཚིག་གི་ཕྱག་རྒྱ་ཆེན་པོ་དང་། བརྗོད་བྱ་དོན་གྱི་ཕྱག་རྒྱ་ཆེན་པོའི་རབ་དབྱེ། དེ་ལས་ལྷན་གཅིག་སྐྱེས་སྦྱོར་གཙོ་བོར་འདོན་པའི་རྒྱུ་མཚན་གཉིས་སོ། །དང་པོ་ནི་
©Karma Lekshey Ling Institute