༄༅། །ཕྱག་རྒྱ་ཆེན་པོའི་བསྡུས་དོན་གསེར་གྱི་ལྡེ་མིག་ཅེས་བྱ་བ་འཇིགས་བྲལ་དཀོན་མཆོག་རྒྱལ་མཚན་གྱི་ཁྲིད་ཡིག་བཞུགས་སོ། །

༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། བླ་མ་ཡི་དམ་ལྷ་དང་ཌཱ་ཀིའི་ཚོགས། །དཀོན་མཆོག་གསུམ་ལ་གུས་པས་རབ་འདུད་དེ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཡི། །བསྡུས་དོན་མི་བརྗེད་ཟུར་དུ་བཀོད་པའོ། །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་འདི་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། དང་པོ་སྔོན་འགྲོ་ལ་བརྒྱད། ཐུན་མོང་པ་དྲུག ཐུན་མོང་མ་ཡིན་པ་གཉིས་ལས། རྗེ་རྒོད་ཚང་པའི་ཁྲིད་ཡིག་ཏུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ་བླ་མ་བརྒྱུད་པའི་ལོ་རྒྱུས། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ནས་རྡོ་རྗེའི་སྙིང་པོ་ལ་གསུངས། དེས་ཏཻ་ལོ་ཤེས་རབ་བཟང་པོ་ལ་གསུངས། དེས་མཁས་པ་ནཱ་རོ་པཎ་ཆེན་ལ་གསུངས། དེས་སྒྲ་བསྒྱུར་མར་པ་ལོ་ཙཱ་ལ། དེས་དབང་ཕྱུག་བཞད་པ་རྡོ་རྗེ་ལ། དེས་དྭགས་སྒོམ་ཟླ་འོད་གཞོན་ནུ་ལ། དེས་མཐའ་རྩ་པ་ཕག་མོ་གྲུ་པ་ལ། དེས་འགྲོ་མགོན་གཙང་པ་རྒྱ་རས་ལ་གསུངས། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ། དེས་ཡང་དགོན་པ་ཆོས་ཉིད་རྒྱ་མཚོ་ལ། དེས་ཐུགས་སྲས་སྤྱན་ལྔའི་རིན་ལྡན་ལ། དེས་ཀུན་མཁྱེན་ཟུར་ཕུག་ཆོས་རྗེ་ལ། དེས་བྱ་བཏང་རི་ཁྲོད་རས་ཆེན་ལ། དེས་སྨན་སྒོམ་འོད་ཟེར་སེང་ལྡེང་ལ། དེས་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན་ལ། དེས་འདུལ་འཛིན་ངག་གི་དབང་པོ་ལ། དེས་སྟག་ལུང་ངག་དབང་གྲགས་པ་ལ།
©Karma Lekshey Ling Institute