༄༅། །ཟབ་ཕུ་མཁན་ཆེན་དབང་གི་རྒྱལ་པོས་དྲིས་ལན་སྣང་བྱེད་འོད་ཀྱི་པ་ཏྲ་ཞེས་བྱ་བ་བཞུགས་སོ། །

༄༅། །ཛ་ཡནྟུ། རྒྱལ་བ་རྒྱ་མཚོའི་སྙིང་རྗེའི་རང་གཟུགས་དཔྱིད། །མ་ཆགས་པདྨའི་སྙིང་པོར་ལྷུན་གྲུབ་པས། །འཇིག་རྟེན་ཀུན་ལ་ཕན་བདེའི་སྣང་བ་ནི། །མཐའ་ཡས་འགྱེད་མཁས་དེ་ཡིས་བདག་སྲུངས་ཤིག །གང་དེའི་ཆོས་ཀྱི་གདུང་འཚོབ་རིགས་སྔགས་འཆང་། །དབང་གི་རྒྱལ་པོར་གྲགས་པས་བདག་བློའི་ཚོད། །བགམ་ཕྱིར་དྲི་བའི་ཟོལ་གྱིས་འཕྲིན་སྤྲིངས་པ། །རྣ་བའི་བདུད་རྩིར་སྤྱད་མཐར་ལན་འདི་གསོལ། །ཇི་ལྟར་བལ་ཡུལ་མཐིལ་ནས་འོངས་པའི་སྐྱེས་བུ་ལ། རྒྱ་ཧ་ཀ་ལིང་ཚེའི་གཏམ་དྲི་བ་བཞིན་དུ། ཁོ་བོ་ཅག་དཀར་བརྒྱུད་རིན་པོ་ཆེའི་རྗེས་སུ་དད་པས་ཞུགས་པ་ལ། སྔགས་རྙིང་མའི་དཀའ་གནད་ཀྱི་ངེས་པ་ལས་བརྩམས་ཏེ་དྲི་བ་འདི་ལྟ་བུ་ཅི་ཞེས་སོམ་ཉིའི་ཁྱོགས་ལ་རེ་ཞིག་དཔྱངས་པར་བརྟེན། ལན་གྱི་ཕྲེང་བའང་ཅུང་ཟད་འགྱངས་མོད། སླད་ཀྱིས་ཕོ་ཉ་བས་ཉེ་བར་བསྐུལ་ཏེ། རང་བློའི་མེ་ལོང་ངོས་སུ་ཇི་ལྟར་ཤར་བའི་ཀུན་རྟོག་གི་གཟུགས་བརྙན་འགོད་པའི་སྤོབས་པ་ཤར་བ་ནི།
©Karma Lekshey Ling Institute