[37]


rdo rje sems dpa' la brten pa'i bla ma mchod pa'i cho ga gzhan phan gyi phrin las dang bcas pa bde chen lam bzang

 


File size 276KB

File size 31KB
༈ རིག་འཛིན་འཇིགས་མེད་གླིང་པའི་དགོངས་གཏེར་རྩ་བར་ཀུན་མཁྱེན་མཉྫུ་གྷོ་ཥས་མན་ངག་གི་ལམ་སྲོལ་རྒྱས་པར་ཕྱེས་པའི་ཆོས་བཀའ་སྟེ། ཀློང་ཆེན་སྙིང་ཐིག་གི་ཐུན་མོང་མ་ཡིན་པའི་དགོངས་པ་བླ་མ་ཡི་དམ་དབྱེར་མེད་དུ་བསྒྲུབས་པས་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ལས་ཐམས་ཅད་ཐོགས་མེད་དུ་གྲུབ་ཚུལ། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་འདི་ཉིད་གློག་ཀླད་དུ་བཞུགས་གསོལ་ནན་ཏར་གྱིས་ཞུ་དག་ལན་གྲངས་མི་དམན་ཙམ་ཞུས་པའི་བརྩིས་སུ་བགྲང་མོད། འོན་ཀྱང་ཉམས་མྱོང་དང་ཆུ་ཚོད་དམན་པའི་དབང་གིས་གཙང་ངེས་ཀྱི་ལམ་དུ་མ་སོང་བའི་ཡིག་ནོར་ཆད་ལྷག་སོགས་འགལ་འདུ་མི་ཉུང་བ་ཞིག་ཡོད་ངེས་པས། དེས་ན་མཁྱེན་དཔྱོད་ལྡན་པ་རྣམས་ཀྱིས་ལེགས་བཅོས་ཀྱི་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན་མཁྱེན་ཞེས་བུདྡྷ་ཤཱ་ས་ན་དྷཱ་རས་གསོལ་བ་འདེབས་པ་ལགས་སོ།།

 

 

©Karma Lekshey Ling Institute