| |
༧དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ།
དང་པོ།

ཀརྨ་པ་དུས་གསུམ་མཁྱེན་པ།

༈ མ་འོངས་པའི་སངས་རྒྱས་དྲུག་པ་སེང་གེའི་རྣམ་འཕྲུལ་འཕགས་མཆོག་ཕྱག་ན་པདྨོ་དང་རྣམ་དབྱེར་མེད་པ་རྒྱལ་བ་དུས་གསུམ་མཁྱེན་པ་ནི། སྤྱི་ལོ་༡༡༡༠ ལ་འཁྲུངས་ཤིང་མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུའི་བུ་སློབ་ཀྱི་ཐུ་བོར་གྱུར་ཏེ་ཟུང་འཇུག་གི་གོ་འཕང་དམ་པ་ལ་མངའ་བརྙེས་ཤིང་ལི་ཐང་དུ་ཀཾ་ཁྱིམ་གྱི་གཙུག་ལག་ཁང་ཕྱག་བཏབ་པ་ནས་བཟུང་ཏེ་ཀཾ་ཚང་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཀྱི་དབུ་ཚུགས་པ་དང༌། ཉིད་ཀྱི་ཞལ་སློབ་ཐུ་བོ་སི་ཏུ་འགྲོ་མགོན་རས་པ་ཆེན་པོ་ལ་དོན་བརྒྱུད་ཀྱི་བསྟན་པ་གཏད་པ་ནས་བཟུང་སྟེ་སྒྲུབ་བརྒྱུད་གསེར་རིའི་ཕྲེང་བ་བར་མ་ཆད་པ་ད་ལྟའི་བར་དུ་བྱོན་ཅིང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་པ་ཆེན་པོ་༧དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་སྐུ་ཕྲེང་གོང་མས་འོག་མ་ལུང་བསྟན་པའི་སྒོ་ནས་གདན་ས་ཆེན་པོ་འོག་མིན་དཔལ་གྱི་སྟོད་ལུང་མཚུར་ཕུ་དབུས་གདན་ས་ཆོས་འཁོར་བསྐྱངས་པའི་མཛད་པ་རྒྱ་དཀར་ནག །བོད་སྟོད་སྨད་བར་གསུམ་དུ་ཁྱབ་པར་མཛད་པའི་སྐུ་ཕྲེང་ན་རིམ་དུ་བྱོན་པ། །

 
  ཀརྨ་པའི་སྐུ་ཕྲེང་ན་རིམ།  
 

ཀརྨ་པ་དུས་གསུམ་མཁྱེན་པ། ༡༡༡༠་་་་༡༡༩༣
ཀརྨ་པཀྴི། ༡༢༠༣་་་༡༢༨༣
ཀརྨ་པ་རང་བྱུང་རྡོ་རྗེ། ༡༢༨༤་་་༡༣༣༩
ཀརྨ་པ་རོལ་པའི་རྡོ་རྗེ། ༡༣༤༠་་་༡༣༨༣
ཀརྨ་པ་དེ་བཞིན་གཤེགས་པ། ༡༣༨༤་་་༡༤༡༥
ཀརྨ་པ་མཐོང་བ་དོན་ལྡན། ༡༤༡༦་་་༡༤༥༣
ཀརྨ་པ་ཆོས་གྲགས་རྒྱ་མཚོ། ༡༤༥༤་་་༡༥༠༦
ཀརྨ་པ་མི་བསྐྱོད་རྡོ་རྗེ། ༡༥༠༧་་་༡༥༥༤
ཀརྨ་པ་དབང་ཕྱུག་རྡོ་རྗེ། ༡༥༥༦་་་༡༦༠༣
ཀརྨ་པ་ཆོས་དབྱིངས་རྡོ་རྗེ། ༡༦༠༤་་་༡༦༧༤
ཀརྨ་པ་ཡེ་ཤེས་རྡོ་རྗེ། ༡༦༧༦་་་༡༧༠༢
ཀརྨ་པ་བྱང་ཆུབ་རྡོ་རྗེ། ༡༧༠༣་་་༡༧༣༢
ཀརྨ་པ་བདུད་འདུལ་རྡོ་རྗེ། ༡༧༣༣་་་༡༧༩༧
ཀརྨ་པ་ཐེག་མཆོག་རྡོ་རྗེ། ༡༧༩༨་་་༡༨༦༨
ཀརྨ་པ་མཁའ་ཁྱབ་རྡོ་རྗེ། ༡༨༧༡་་་༡༩༢༢
ཀརྨ་པ་རིག་པའི་རྡོ་རྗེ། ༡༩༢༤་་་༡༩༨༡
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ། ༡༩༨༥

 

 

དང་པོ།
© Karma Lekshey Ling, Post Box 8435, Sita Paila-9, Swayambhu, Kathmandu, Nepal. www.leksheyling.net